《思念》歌词

歌手: 甘加斗格杰
歌词字数:786 歌词行数:41 当前语言:中文 时间轴歌词:— 歌词翻译:—
📄 纯文本

དྲན་ཤིང་།

《念想》

ཚིག བསང་ཚེ་བཀྲ།

དབྱངས། རྒན་གྱའི་གདུགས་དཀར་སྐྱབས།

ལེན་མཁན། རྒན་གྱའི་གདུགས་དཀར་སྐྱབས།

སྦྲ་མཐིང་སྨུག་གྲུ་བཞིའི་ཐུ་འོག་ནས།།

དྲིན་མ་ལོའི་མར་ཉོག་ཟ་ཞོར་ར། །

ཇ་ཚ་མོ་ཧུབ་གང་འཐུང་བ་དེ། །

ས་གང་ནས་བསྡད་ཀྱང་དྲན་ཤིང་རེད། །

དྲིན་ཆེན་མ།  ཚེ་རིང་ཤོག

དེའི་ཡན་གི་སྐྱིད་ཅིག་མ་རྙེད་ཐལ། །

ཁྱིམ་དོ་ཆ་བརྩེགས་པའི་ཡར་རྒྱུད་ནས། །

དྲིན་ཕ་ལོས་རྭ་ཙེ་འཐེན་ཞོར་ར། །

ཁ་ཚིག་གསུམ་བསླབ་བྱ་གནང་བ་དེ། །

དོན་གང་ལ་ཐུག་ཀྱང་དྲན་ཤིང་རེད། །

དྲིན་ཆེན་ཕ། སྐུ་ཚེ་བརྟན། 

དེའི་ཡན་གི་གསུང་ཞིག་མ་གོ་ཐལ། །

ཆུའི་རྫིང་བུ་འཁྱིལ་བའི་ན་ཁུག་ནས། །

ནོར་གནག་མོའི་བེའུ་ཆུང་འཚོ་ཞོར་ར། །

ན་མེ་ཏོག་ཆུ་ལ་བསྐུར་བ་དེ། །

ཡུལ་གང་ལ་སོང་ན་དྲན་ཤིང་རེད། །

ཆུང་གྲོགས་ལགས། བསམ་དོན་འགྲུབ། 

དེའི་ཡན་གི་སྐྱིད་ཅིག་མ་རྙེད་ཐལ། །

祖辈留下的黑帐篷里

吃着带有阿妈手香的糌粑

喝一口滚烫的酥油茶

这是我天涯海角最美的回忆

阿妈啦!长命百岁!

不曾找到更好的幸福

摆件整齐亮堂的上座上

阿爸口含着羊骨烟

教会我世间的万事真理

这是千难万劫最好的箴言

阿爸啦!万寿无疆!

不曾找到更好的教诲

湖泊弯弯的绿草涧上

牧养胡蹦乱跳的牛犊

随水流走的花儿

是我天涯海角最大的念想

发小呀! 心想事成!

不曾找到更好的幸福

🎧 猜你喜欢

共 7 首

🎲 随机歌词

共 8 首