ང་ཡོང་ཡོང་ཕ་ཡུལ་ནག་ཤོད་ཡུལ་ནས་ཡོང་ལོ། །
我自故乡娜秀来,
རི་ནགས་ལྷ་འཛམ་བྷར་ལྷ་བསང་ཕུལ་ནས་ཡོང་ཡོད། །
烧着娜拉山神之煨桑,
ལས་རླུང་རྟ་དར་བའི་དར་ལྕོག་བསྒྲོན་ནས་ཡོང་།།
挂起鸿运经幡旗,
ཕོ་དགྲ་ལྷ་དགྱེས་པའི་ཀི་བསྭོ་རི་ནས་བོས་ལོ། །
伴着呼唤战神的吼声;
ཨ་ལ་ཡེ་་་་་། 啊啦耶!
ཕ་ཨ་ཁུ་གཡས་ནས་བཀྲ་ཤིས་རྟགས་བརྒྱད་འཛོམས།
父叔在右正像祥瑞八物,
མ་སྲུ་མོ་གཡོན་ནས་རྒྱལ་སྲས་སྣ་བདུན་འཛོམས་ལོ། །
母姨在左如同国政七宝;
ང་ཡོང་ཡོང་ཕ་ཡུལ་འབྲི་རུའི་ཡུལ་ནས་ཡོང་ལོ། །
我自故乡比如来,
གནས་ཤེལ་དཀར་འབུམ་པའི་བྱིན་རླབས་ཁྱེར་ནས་ཡོང་ཡོད། །
带来帕拉晶塔之加持,
ཡུལ་ནག་ཤོད་སྐྱིད་པའི་ཨར་གཞས་ལེན་བཞིན་ཡོང་། །
唱起达普夯歌曲,
ཕ་མེས་པོས་བཞག་པའི་ཞབས་བྲོ་འཁྲབ་ནས་སླེབས་ཡོད་། །
跳着祖辈流传的锅庄。
ང་ཡོང་ཡོང་ཕ་ཡུལ་རྒྱལ་ཤོད་ཡུལ་ནས་ཡོང་ལོ། །
我自故乡杰秀来,
གནས་ཁྱད་འཕགས་གསའ་ཕུའི་གངས་རི་མཇལ་ནས་ཡོང་ཡོད། །
拜着萨普雪山之圣灵,
ཡུལ་ཕུ་ནུ་མཐུན་པའི་སྨོན་ལམ་བཏབ་ནས་ཡོང་། །
许愿相邻和睦处,
ལས་ཅི་བསམ་འགྲུབ་པའི་གླུ་ཞིག་ལེན་ནས་སླེབས་ཡོད།
哼着祈祷众生的道歌;
ཨ་ལ་ཡེ་་་་་། 啊啦耶!
སྤུན་ཤ་ཉེ་གཡས་ནས་བཀྲ་ཤིས་སྐོར་བྲོ་འཁྲབ། །
兄弟在右轻挑吉祥锅庄,
གྲོགས་ན་ཟླའི་གཡོན་ནས་ཁ་གཡང་སྨོན་ཚིག་འབུལ། །
朋友在左高歌幸福祝词;
ང་ཡོང་ཡོང་ཕ་ཡུལ་སུམ་པའི་ཡུལ་ནས་ཡོང་ལོ།
我自故乡苏毗来,
སྨན་རྩྭ་ཆེན་དབྱར་རྩ་དགུན་འབུ་ཁྱེར་ནས་ཡོང་ཡོད། །
带来冬虫夏草之圣药,
ཡུལ་ནག་ཤོད་སྟེང་དཀར་རས་པ་འཁྲབ་ནས་ཡོང་། །
跳起丁嘎热巴舞,
ཡུལ་ནགས་ཤོད་འབྲི་རུའི་ངོ་སོ་སྔར་ལས་མཐོ་ཤོག །
但愿娜秀比如更强盛。
还没有收藏。点右下角的星星按钮,就能把当前页面收进来(只保存在这个浏览器里)。